1 Corinthians 11:22 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
ཁྱོད་ཚོར་ཟ་འཐུང་གི་ཕྱིར་ཁང་པ་མེད་དམ། ཡང་ན་དཀོན་མཆོག་གི་ཆོས་ཚོགས་ལ་མཐོང་ཆུང་བྱེད་དེ་ཅི་ཡང་མེད་པ་རྣམས་ལ་ངོ་ཚ་རུ་འཇུག་གམ། ངས་ཁྱོད་ཚོར་ཅི་སྨྲ་བར་བྱ། ཁྱོད་རྣམས་ལ་བསྟོད་པར་བྱའམ། ངས་དོན་འདིའི་ཕྱིར་ཁྱོད་ཚོར་མི་བསྟོད་དོ།
Tibetian NTB (བོད་འགྱུར་གསར་མ།)
ཁྱོད་རྣམས་བཟའ་བཏུང་ལ་རོལ་ན་ཁྱོད་ཅག་ལ་ཁྱིམ་ཚང་མེད༌དམ། ཡང་ན་དཀོན་མཆོག་གི་ཆོས་ཚོགས་ལ་མཐོང་ཆུང་དང་དབུལ་པོ་རྣམས་ངོ་ཚ་བར་བྱེད་དམ། བདག་གིས་ཁྱོད་ཅག་ལ་ཅི་ལྟར་སྨྲའམ། བདག་གིས་ཁྱོད་ཅག་ལ་བསྟོད་བསྔགས་བྱེད་དམ་ཞེ༌ན། བསྟོད་བསྔགས་གཏན་ནས་མི་བྱེད༌དོ།།