1 Corinthians 7:34 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
ཁོའི་སེམས་ཀྱི་དོན་གཉེར་ཕྱོགས་གཉིས་སུ་གྱེས། ཁྱོ་བོ་མེད་པ་དང༌། ཡང་ན་གཉེན་སྒྲིག་བྱས་མ་མྱོང་བའི་གཞོན་ནུ་མ་ཡིས་ལུས་སེམས་གཉིས་དམ་པར་འགྱུར་བའི་ཕྱིར་གཙོ་བོ་གང་ལ་ཐུགས་མཉེས་པའི་དོན་དུ་སེམས་ཁུར་བྱེད། འོན་ཀྱང་ཁྱོ་བོ་ཡོད་པ་དེས་འཇིག་རྟེན་གྱི་དོན་ལ་སེམས་ཁུར་བྱེད་དེ། གང་ལ་ཁོ་མོའི་ཁྱོ་བོ་ལ་དགའ་བ་དེ་བཞིན་དུ་སྤྱོད།
Tibetian NTB (བོད་འགྱུར་གསར་མ།)
ཁོའི་སེམས་ནི་སོ་སོར་གྱེས༌པའོ།། གཉེན་སྒྲིག་མ་བྱས་པའི་བུད་མེད་དང་ན་ཆུང་བུ་མོ་གཉིས་ཀྱིས་གཙོ་བོའི་དོན་ལ་སེམས་ཁུར་བྱེད༌ཅིང༌། དེ་ནི་ལུས་སེམས་གཉིས་ཀ་གཙང་མ་ཡིན་པར་དམིགས༌པ་དང་། གཉེན་སྒྲིག་བྱས་པའི་བུད་མེད་ཀྱིས་འཇིག་རྟེན་གྱི་དོན་ལ་སེམས་ཁུར་བྱེད༌ཅིང༌། དེ་ནི་རང་གི་སྐྱེས་པ་ཇི་ལྟར་དགའ་རུ་འཇུག་པར་སེམས་ཁུར་བྱེད༌པ་ཡིན།