1 Kings 20:34 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
དེ་ནས་པེན་ཧ་དཱད་ཀྱིས་ཨ་ཧབ་ལ། ངའི་ཕ་ཡིས་ཁྱེད་ཀྱི་ཡབ་ལས་ཕྲོགས་པའི་གྲོང་ཁྱེར་ཐམས་ཅད་ངས་ཁྱེད་ལ་ཕྱིར་འབུལ་བར་བྱ། ཡང་ངའི་ཕ་ཡིས་སཱ་མར་ཡ་ཡུལ་དུ་ཚོང་འདུས་ཁྲོམ་ར་བཙུགས་པ་ལྟར། ཁྱེད་ཀྱིས་ཀྱང་དཱ་མེ་སེག་གྲོང་ཁྱེར་དུ་ཚོང་འདུས་ཁྲོམ་ར་ཞིག་འཛུགས་པར་མཛོད་ཅེས་ཞུས་པ་ལ། ཨ་ཧབ་ཀྱིས་ངས་ཁྱོད་ལ་ཁ་ཆད་འདི་ལྟ་བུ་བཞག་ནས་ཁྱོད་འགྲོ་རུ་འཇུག་གོ་ཞེས་སྨྲས་ཤིང་། ཁོང་གིས་ཁ་ཆད་བཞག་པ་དང་པེན་ཧ་དཱད་འགྲོ་རུ་བཅུག་གོ །