1 Peter 1:12 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
རང་ཉིད་ལ་མིན་ཏེ་ཁྱེད་ཚོར་ཞབས་ཕྱི་ཞུས་པ་དེ་ལུང་སྟོན་པ་རྣམས་ལ་མངོན་པར་གྱུར། ད་ལྟ་དཀོན་མཆོག་གི་ཞིང་ཁམས་ནས་མངགས་པའི་དམ་པའི་ཐུགས་ཉིད་ཀྱི་དབང་གི་སྒོ་ནས་ཆོས་སྟོན་པ་རྣམས་ཀྱིས་ཁྱེད་ཚོ་ལ་འཕྲིན་བཟང་དེ་བསྒྲགས། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་ཀྱང་དོན་དེ་ཚོ་མཁྱེན་པར་འདོད།
Tibetian NTB (བོད་འགྱུར་གསར་མ།)
ཡང་ཁོ་རྣམས་ལ་མངོན་པར་མཛད་པ༌བཞིན། ཁོ་རྣམས་ཀྱིས་རང་གི་དོན་དུ་མ་ཡིན་པར་ཁྱོད་རྣམས་ཀྱི་ཆེད་དུ་ཞབས་ཕྱི་བསྒྲུབས་ཤིང་། ནམ་མཁའི་ཞིང་ཁམས་ནས་མངགས་ཡོང་བའི་དམ་པའི་ཐུགས་ཉིད་ལ་བརྟེན༌ནས་ཁྱོད་རྣམས་ལ་འཕྲིན་བཟང་སྒྲོག་མཁན་རྣམས་ཀྱིས། ད་ལྟ་དོན་དེ་རྣམས་ཁྱོད་ཅག་ལ་བསྒྲགས་པ་དང༌། ཐ་ན་ཕོ་ཉ་རྣམས་ཀྱིས་ཀྱང་དོན་འདི་དག་ལ་ཞིབ་ཏུ་བརྟག་པར་དགོངས་སོ།།