1 Thessalonians 2:13 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
ང་ཚོ་བརྒྱུད་ནས་ཐོས་པའི་དཀོན་མཆོག་གི་བཀའ་དེ་ཁྱེད་ཚོས་དང་ལེན་བྱེད་སྐབས། མི་ཡིས་བཤད་པའི་གཏམ་བཞིན་དུ་མ་ཡིན་གྱིས། དཀོན་མཆོག་རང་གི་བཀའ་ལྟར་དང་ལེན་བྱས། དེས་ཁྱེད་ཚོ་དད་ལྡན་རྣམས་ཀྱི་ནང་དུ་འཕྲིན་ལས་སྒྲུབ་པས་ང་ཚོས་དཀོན་མཆོག་ལ་རྒྱུན་ཆད་མེད་པར་བཀའ་དྲིན་ཆེ་ཞུ།
Tibetian NTB (བོད་འགྱུར་གསར་མ།)
དེའི༌ཕྱིར། ངེད་རྣམས་ཀྱིས་བསྒྲགས་པའི་དཀོན་མཆོག་གི་བཀའ་ནི་ཁྱོད་ཅག་གིས་ཐོས་ཤིང་དང་དུ་བླངས༌པས། ངེད་ཅག་གིས་ཀྱང་རྒྱུན་ཆད་མེད་པར་དཀོན་མཆོག་ལ་བཀའ་དྲིན་ཞུ་བ་དང་། ཁྱོད་རྣམས་ཀྱིས་བཀའ་དེ་ནི་མི་ཡི་ངག་ལྟར་དང་དུ་མ་བླངས༌པར། ཁྱོད་ཅག་དད་ལྡན་རྣམས་ཀྱི་སེམས་སུ་འཕྲིན་ལས་མཛད་པ་དང་དཀོན་མཆོག་གི་བཀའ་དངོས་ཡིན་པ་བཞིན་དང་དུ་བླངས་སོ།།