1 Thessalonians 4:1 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
སྤུན་ཟླ་རྣམས། གཞན་ཡང་དཀོན་མཆོག་ཐུགས་དགྱེས་པའི་སྤྱོད་ལམ་ང་ཚོས་ཁྱེད་ཚོར་བསྟན་ནས་དོན་དམ་དུ་ཁྱེད་ཚོས་དེ་ལྟར་བྱེད་བཞིན་ཡོད། གཙོ་བོ་ཡེ་ཤུའི་སྒོ་ནས་ང་ཚོས་བཅོས་མིན་གྱིས་སེམས་གཏིང་ནས་དེ་བས་ཀྱང་བྱེད་དགོས་པར་རེ་འབོད་བྱེད།
Tibetian NTB (བོད་འགྱུར་གསར་མ།)
སྤུན་ཟླ༌རྣམས། མཐར་ངེད་ཅག་གིས་གཙོ་བོ་ཡེ་ཤུར་བརྟེན་ནས་ཁྱོད་རྣམས་ལ་ཞུ་བ་བྱེད་ཅིང་གདམས་པར༌བྱའོ།། དེ་སྔར་ཁྱོད་ཅག་གིས་ཇི་ལྟར་དཀོན་མཆོག་ཐུགས་དགྱེས་པར་བྱེད་དགོས་པ་ངེད་རྣམས་ལས་བསླབ་བྱ་བླངས་པ༌བཞིན། ད་ལྟ་ཁྱོད་ཅག་གིས་སྤྱོད་ལམ་དེ་ལྟར་བྱེད་ཅིང་དེ་ལས་ཀྱང་བརྩོན་པར༌གྱིས།