1 Thessalonians 4:14 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
གཙོ་བོ་ཡེ་ཤུ་གྲོངས་ནས་སྐུ་གསོན་པོར་བཞེངས་སུ་གྱུར་བར་ང་ཚོས་ཡིད་ཆེས་བྱེད་པ་བཞིན་དུ། དེ་ལྟར་དཀོན་མཆོག་གིས་གཙོ་བོ་ཡེ་ཤུ་ལ་དད་པའི་སྒོ་ནས་གྲོངས་པ་རྣམས་ནི་ཁོང་དང་མཉམ་དུ་འཁྲིད་པ་གནང་རྒྱུ་ཡིན་པར་ང་ཚོས་ཡིད་ཆེས་བྱེད་དོ།
Tibetian NTB (བོད་འགྱུར་གསར་མ།)
རྒྱུ་མཚན་ནི་སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ནས་སླར་གསོན་པར་བདག་ཅག་གིས་ཡིད་ཆེས་བྱེད་པ༌ཡིན་ན། སྐྱབས་མགོན་ཡེ་ཤུའི་དད་ལྡན་འདས་པོ་རྣམས་ཀྱང་དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་འཁྲིད་ཡོང་བར༌ངེས།