1 Thessalonians 4:16 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
གསུང་སྐད་ཆེན་པོ་དང་ཕོ་ཉ་མཆོག་གི་འབོད་སྒྲ་དཀོན་མཆོག་གི་དུང་ཆེན་གྱི་སྐད་བཅས་ཀྱིས་གཙོ་བོ་ཉིད་ཞིང་ཁམས་ནས་མར་འབབ་པ་དང༌། གཙོ་བོ་ཡེ་ཤུ་ལ་དད་མཁན་འདས་ཟིན་པ་རྣམས་དང་པོར་ལང་བར་འགྱུར།
Tibetian NTB (བོད་འགྱུར་གསར་མ།)
གཙོ་བོ་ནི་འུར་སྒྲ་དང་ཕོ་ཉའི་མཆོག་གི་སྐད༌སྒྲ། དཀོན་མཆོག་གི་དུང་སྒྲ་དང་བཅས་ནམ་མཁའི་ཞིང་ཁམས་ནས་ཕྱིར་འབྱོན་པའི་དུས༌སུ། སྐྱབས་མགོན་མཱ་ཤི་ཀའི་དད་ལྡན་འདས་པོ་རྣམས་སྔོན་དུ་སླར་གསོན་པར་འགྱུར་བའི་ཕྱིར༌རོ།།