1 Timothy 6:1 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
དཀོན་མཆོག་གི་མཚན་དང༌། ང་ཚོའི་ཆོས་ལ་སྨད་ར་མི་གཏོང་བའི་ཕྱིར། བྲན་གཡོག་གི་གཉའ་ཤིང་འོག་ཏུ་ཡོད་ཚད་ཀྱིས་རང་གི་བདག་པོ་ལ་བཀུར་སྟི་ཡོངས་སུ་བྱེད་འོས་པར་རྩི་དགོས།
Tibetian NTB (བོད་འགྱུར་གསར་མ།)
དེ་ཡང་དཀོན་མཆོག་གི་མཚན་དང་བསྟན་པ་ལ་སྐུར་བ་མི་འདེབས་པའི༌ཕྱིར། གཉའ་ཤིང་གི་འོག་ཏུ་ཡོད་པའི་གཡོག་པོ་ཐམས་ཅད་ཀྱིས་རང་རང་གི་བདག་པོ་རྣམས་ལ་ཕྱོགས་ཀུན་ནས་བརྩི་བཀུར་བྱེད་འོས་པར་རྩིས་ཤིག