2 Chronicles 24:27 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
ཡང་ཡོ་ཨ་སིའི་སྲས་རྣམས་དང་། དེའི་སྐོར་གྱི་ལུང་བསྟན་མང་པོ་དང་། དཀོན་མཆོག་གི་མཆོད་ཁང་ཞིག་གསོ་བྱས་པའི་སྐོར་རྣམས་ནི་རྒྱལ་རབས་ཀྱི་གླེགས་བམ་ནང་དུ་ཡི་གེར་བཀོད་ཡོད། ཡང་དེའི་སྲས་ཨ་མཱ་ཙི་ཡ་ཁོའི་ཚབ་ཏུ་རྒྱལ་པོར་གྱུར་ཏོ། །