2 Chronicles 28:9 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
དེར་དཀོན་མཆོག་ཡ་ཝཱེའི་ལུང་སྟོན་པ་ཨོ་དེད་བྱ་བ་ཞིག་ཡོད་པ་སཱ་མར་ཡ་རུ་ལོག་འོངས་པའི་དམག་ཚོགས་བསུ་བར་ཕྱིན་ཏེ་ན་རེ། ལྟོས་ཤིག ཁྱོད་ཅག་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་ནི་ཡ་ཧུ་དཱ་ལ་ཐུགས་ཁྲོས་ཏེ། ཁོ་རྣམས་ཁྱོད་ཅག་གི་ལག་ཏུ་གཏད་པ་ཡིན་མོད། འོན་ཀྱང་ཁྱོད་ཚོས་ཁོང་ཁྲོའི་མེ་ལྕེ་དགུང་དུ་འཕྱུར་ནས་དེ་རྣམས་བསད་པ་རེད།