Acts 9:21 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
ཁོང་གི་གཏམ་ཐོས་པ་ཐམས་ཅད་ཡ་མཚན་སྐྱེས་ནས་“ཡེ་རུ་ཤ་ལེམ་ལ་གཙོ་བོའི་མཚན་ནས་བརྗོད་མཁན་རྣམས་མེད་པར་བཟོ་མཁན་ཁོ་རང་མ་ཡིན་ནམ། ཡང་དད་ལྡན་རྣམས་བཙོན་པ་ལྟར་བླ་ཆེན་རྣམས་ཀྱི་རྩར་འཁྲིད་པའི་ཕྱིར་ཁོ་འདིར་མ་ཡོང་ངམ་”ཞེས་བཤད།
Tibetian NTB (བོད་འགྱུར་གསར་མ།)
གཏམ་དེ་ཐོས་པའི་མི་ཐམས་ཅད་ངོ་མཚར་སྐྱེས་ཏེ་ན༌རེ། མི་འདི་ནི་ཡེ་རུ་སཱ་ལེམ་ནས་སྐྱབས་མགོན་ཡེ་ཤུའི་མཚན་ལ་ཞུ་མཁན་རྣམས་ལ་གནོད་འཚེ་ཆེན་པོ་བཏང་བ༌དང༌། དད་ལྡན་རྣམས་བཟུང་སྟེ་མཆོད་དཔོན་ཆེན་པོ་རྣམས་ཀྱི་གམ་དུ་འཁྲིད་པའི་ཕྱིར་འདིར་ཡོང་བ་དེ་མ་ཡིན་ནམ་ཞེས་སྨྲས་སོ།།