Ecclesiastes 4:8 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
མི་ལ་ལ་གྲོགས་མེད་ཁེར་རྐྱང་ཡིན་ལ། བུ་ཡང་མེད། སྤུན་ཟླ་ཡང་མེད། འོན་ཀྱང་དེའི་འབད་བརྩོན་ལ་རྫོགས་མཐའ་མེད་ཅིང་། དེའི་མིག་ཟུང་ཡང་ནོར་གྱིས་མི་ཚིམ། དེ་ན་རེ། ངས་དཀའ་ལས་ཡོད་ཚད་སུའི་དོན་དུ་བྱེད་ཅིང་། ཅི་ལ་རང་གི་སེམས་བདེ་བ་ལས་འབྲལ་བར་བྱེད་དམ་ཟེར། འདི་ཡང་སྟོང་པ་ཡིན་ལ་ཁུར་བོ་ཤིན་ཏུ་ལྗིད་པོ་ཡིན་ནོ། །