Ezekiel 11:16 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
ཁྱོད་ཀྱིས་འདི་ལྟར། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་དེ་དག་རྒྱང་རིང་ཡུལ་དུ་མི་རིགས་ཀུན་གྱི་ཁྲོད་དུ་བསྐྲད་ནས་ཁོ་རྣམས་ཡུལ་སོ་སོར་གཏོར་ན་ཡང་། དེ་རྣམས་སླེབས་པའི་ཡུལ་སོ་སོར་ང་རང་ཁོ་ཚོའི་གནས་སྐབས་ཀྱི་གནས་དམ་པ་རུ་གྱུར་པ་ཡིན་ཞེས་གསུངས་ཞེས་སྨྲོས་ཤིག