Genesis 49:25 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
དེ་ཡང་ཁྱོད་ཀྱི་ཕ་ཡི་དཀོན་མཆོག༌གིས།། ཁྱོད་ལ་སྐྱབས་སུ་མཛད་ཅིང་མཛད་ལགས༌ཏེ།། ཀུན་དབང་ལྡན་པ་ཁོང་གིས་ནམ་མཁའ༌དང༌།། ས་གཞིར་ཁྱབ་པའི་བྱིན་རླབས་མཐའ་དག༌དང༌།། མངལ་ལྡན་ནུ་མའི་བྱིན་རླབས་གནང་བར༌འགྱུར།།