Haggai 2:14 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
དེ་ནས་ཧག་གཱ་ཨི་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། མི་སྡེ་འདི་དང་ཡུལ་ཁམས་འདི་ཡང་ངའི་མདུན་དུ་དེ་བཞིན་ཡིན་ལ། དེ་རྣམས་ལག་གི་ལས་ཀ་ཐམས་ཅད་དང་། ཁོ་ཚོས་གནས་དེར་ཕུལ་བ་ཐམས་ཅད་མི་གཙང་བ་ཡིན་ནོ། །