James 1:25 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
འོན་ཀྱང་ཡང་དག་པ་དང་སྡིག་ཉེས་དང་འཆི་བ་ལས་ཐར་བའི་བཀའ་ཁྲིམས་ལ་ནན་གྱིས་བལྟས་ནས། བརྩོན་འགྲུས་བྱེད་མཁན་ནི་བཀའ་ཐོས་ནས་བརྗེད་པ་མིན་ཏེ་བཀའ་སྒྲུབ་ནས་ལག་ལེན་བྱེད་པ་ཡིན་པས་ཁོའི་བྱ་བ་ལ་བྱིན་གྱིས་བརླབས་པར་འགྱུར་རོ། །
Tibetian NTB (བོད་འགྱུར་གསར་མ།)
འོན༌ཀྱང༌། སུ་ཞིག་གིས་ཕུལ་དུ་བྱུང་བ་དང་རང་དབང་འཐོབ་པར་བྱེད་པའི་བཀའ་ཁྲིམས་ལ་རྒྱུན་དུ་ཞིབ་ལྟ་བྱས་ནས་བརྩི་སྲུང་བྱེད་ན། བཀའ་ལ་ཉན་མ་ཐག་བརྗེད་པ་མིན་པར་དངོས་སུ་དེ་ལྟར་བསྒྲུབས༌པས། ཁོས་སྒྲུབ་པའི་དོན་ཐམས་ཅད་ལ་བྱིན་རླབས་འཐོབ་པར་འགྱུར་ངེས༌སོ།།