Jeremiah 31:12 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
དེ་རྣམས་ཛ་ཡན་གྱི་མཐོ་སར་འོངས་ཏེ་གླུ་ལེན་ཞིང་། དཀོན་མཆོག་ཡ་ཝཱེས་གནང་སྦྱིན་བཟང་པོ་རྣམས་ཏེ། འབྲུ་རིགས་དང་རྒུན་ཆང་། སྣུམ། ལུ་གུ། བ་ཕྲུག་བཅས་གནང་བས་དགའ་སྤྲོས་དགང་ཞིང་། དེ་དག་གི་མི་ཚེ་ནི་ཆུ་མོད་པའི་སྐྱེད་ཚལ་ལྟར་གྱུར་ནས་ནམ་ཡང་སྐམ་པར་མི་འགྱུར།