John 14:17 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
ཁོང་ནི་དཀོན་མཆོག་གི་བདེན་པ་མངོན་པར་མཛད་མཁན་ཡིན་པའི་ཐུགས་ཉིད་ཡིན། དད་པ་མེད་པ་རྣམས་ཀྱི་སེམས་ནང་ཁོང་བསུ་བར་མི་སྲིད། ཅི་ལགས་ཟེར་ན། ཁོ་ཚོས་ཁོང་མི་མཐོང་ཞིང་ངོ་མི་ཤེས། འོན་ཀྱང་ཁོང་ནི་ཁྱེད་ཚོའི་སེམས་ནང་ཡོད་པ་དང་དེར་གནས་རྒྱུ་ཡིན་པས་ཁྱེད་ཚོས་ཁོང་ངོ་ཤེས།
Tibetian NTB (བོད་འགྱུར་གསར་མ།)
དེ་ནི་བདེན་པ་ཉིད་ཀྱི་དམ་པའི་ཐུགས་ཉིད་ཡིན༌ལ། འཇིག་རྟེན་གྱི་མི་རྣམས་ཀྱིས་ཁོང་ཉིད་མི་མཐོང་ཞིང་ངོ་མི་ཤེས་པས་དང་དུའང་ལེན་མི་ནུས་སོ།། འོན་ཀྱང་དམ་པའི་ཐུགས་ཉིད་ནི་ཁྱོད་རྣམས་དང་མཉམ་དུ་གནས་ཤིང་ཁྱོད་ཅག་གི་སེམས་སུ་ཡོད་པར་འགྱུར༌བས། ཁྱོད་རྣམས་ཀྱིས་དམ་པའི་ཐུགས་ཉིད་ངོ་ཤེས༌པ་ཡིན།