John 15:20 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
སྔར་ངས་ཁྱེད་ཚོར་གཡོག་པོ་ནི་དཔོན་པོ་ལས་གལ་ཆེ་བ་མ་ཡིན་ཞེས་བཤད་པ་དེ་དྲན་པར་གྱིས་ཤིག གལ་སྲིད་ཁོ་ཚོས་ང་ལ་གནོད་འཚེ་བྱས་ན། ཁྱེད་ཚོ་ལ་ཡང་གནོད་འཚེ་བྱེད་པར་འགྱུར། ངས་བཤད་པའི་བཀའ་བསྲུངས་པ་ཡིན་ན། ཁྱེད་ཚོའི་གཏམ་ཡང་བསྲུང་བར་འགྱུར།
Tibetian NTB (བོད་འགྱུར་གསར་མ།)
བདག་གིས་དེ་སྔར་ཁྱོད་རྣམས་ལ་གཡོག་པོ་ནི་བདག་པོ་ལས་ཆེན་པོ་ཡིན་མི་སྲིད་ཅེས་སྨྲས་པ་དེ་དྲན་པར༌གྱིས། འཇིག་རྟེན་གྱི་མི་རྣམས་ཀྱིས་བདག་ལ་གནོད་འཚེ་བྱས་ན། ཁྱོད་རྣམས་ལའང་གནོད་འཚེ་བྱེད་པར་འགྱུར་བ༌དང༌། དེ་དག་གིས་ངའི་བཀའ་བསྲུངས་ཡོད་ན། ཁྱོད་ཅག་གི་བཀའ་ཡང་བསྲུང་བར་འགྱུར་རོ།།