John 19:10 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
དེའི་ཕྱིར་པི་ལ་ཏུ་ཡིས་“ཁྱོད་ཀྱིས་ང་ལ་གཏམ་མི་བྱེད་དམ། ང་ལ་ཁྱོད་གློད་བཀྲོལ་གཏོང་བའི་དབང་ཆ་དང༌། ཁྱོད་རྒྱང་ཤིང་སྒང་ལ་གསོད་པའི་དབང་ཆ་ཡང་ཡོད་པ་མི་ཤེས་སམ་”ཞེས་དྲིས་པ་དང༌།
Tibetian NTB (བོད་འགྱུར་གསར་མ།)
ཡང་པི་ལ་ཏུ་ན༌རེ། ཁྱོད་ཀྱིས་ང་རང་ལ་གཏམ་མི་གླེང༌ངམ། བདག་ལ་ཁྱོད་རང་བཙོན་གྲོལ་གཏོང་བའི་དབང་ཆ་ཡོད་ལ། ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབ་པའི་དབང་ཆའང་ཡོད་པ་ཁྱོད་ཀྱིས་མི་ཤེས་སམ་ཞེས་དྲིས་པ༌ན།