John 19:31 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
དེའི་ཉིན་གྲ་སྒྲིག་གི་ཉིན་མོ་ཡིན་ཏེ། ངལ་གསོ་བའི་ཉིན་མོ་ཡང་ཡིན་པས་དེ་ནི་དུས་གལ་ཆེན་ཅིག་ཡིན་པའི་ཕྱིར། སྤུར་རྣམས་ངལ་གསོ་བའི་ཉིན་མོར་རྒྱང་ཤིང་ལ་མ་ལུས་པའི་ཆེད་དུ་ཡ་ཧུ་དཱ་པས་པི་ལ་ཏུ་ལ་དེ་ཚོའི་རྐང་པ་བཅག་ནས་སྤུར་དེ་རྣམས་འཁྱེར་བའི་ཕྱིར་ཞུས།
Tibetian NTB (བོད་འགྱུར་གསར་མ།)
ཉིན་དེ་ནི་སྟ་གོན་གྱི་ཉིན་མོ་ཡིན་པ༌དང༌། ངལ་གསོ་བའི་ཉིན་མོ་དེ་ནི་དུས་གལ་ཆེན་ཞིག་ཡིན་པས། ཡ་ཧུ་དཱ་པ་རྣམས་ཀྱིས་ངལ་གསོ་བའི་ཉིན༌ལ་ཤིང་རྒྱ་གྲམ་གྱི་སྟེང་དུ་བེམ་པོ་ལུས་ན་མི་འོས་པར་བསམས༌ཏེ། པི་ལ་ཏུའི་དྲུང་དུ་སོང་ནས་དེ་དག་གི་རྐང་པ་བཅག་ནས་བེམ་པོ་རྣམས་འཁྱེར་དགོས་པར་ཞུས་སོ།།