John 21:23 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
དེའི་ཕྱིར་ཉེ་གནས་དེ་འཆི་བར་མི་གྱུར་བའི་གཏམ་སྤུན་ཟླ་རྣམས་ཀྱི་ནང་ལ་ཁྱབ། འོན་ཀྱང་ཡེ་ཤུས་ཉེ་གནས་དེ་མི་ཤི་ཞེས་མ་གསུངས་ཀྱི། གལ་ཏེ་ང་མ་ཡོང་བའི་བར་དུ་ཁོ་གསོན་པོར་གནས་པར་དགའ་ན་ཁྱོད་ལ་དོན་ཅི་ཡོད་ཅེས་གསུངས་པ་ཡིན།
Tibetian NTB (བོད་འགྱུར་གསར་མ།)
དེའི༌ཕྱིར། སྐྱབས་མགོན་ཡེ་ཤུའི་གསུང་དེ་སྤུན་ཟླའི་ཁྲོད་དུ་གྲགས་ཤིང་ཐུགས་སྲས་དེ་མི་འཆི་བ་ཡིན་ཞེས་སྨྲས་སོ།། འོན༌ཀྱང༌། དེ་ནི་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་དེ་མི་འཆི་བ་ཡིན་ཞེས་གསུངས་པ་མ་ཡིན༌པར། གལ་ཏེ་མ་འོངས་པར་ང་རང་ཕྱིར་ཡོང་བའི་བར༌དུ། ཁོ་རང་ད་དུང་གསོན་པོར་གནས་ཤིང་ང་རང་ཡང་དོན་དེར་དགའ་བ་ཡིན༌ན། ཁྱོད་དང་འབྲེལ་བ་ཅི་ཡོད་དམ་ཞེས་གསུངས༌པའོ།།