Mark 12:14 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
ཁོ་ཚོ་ཡོང་ནས་ཁོང་ལ་“སྟོན་པ་ལགས། ཁྱེད་ནི་རང་གཤིས་དྲང་ཞིང་ཁྱེད་ཀྱིས་མིའི་ཕྱིའི་རྣམ་པར་མི་གཟིགས་ཤིང་མི་ཀུན་ལ་ཕྱོགས་རིས་མེད་པར་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ་ངེད་ཀྱིས་ཤེས། དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ད་ལྟ་ང་ཚོས་རྒྱལ་པོར་ཁྲལ་འཇལ་རུང་ངམ་མི་རུང༌།
Tibetian NTB (བོད་འགྱུར་གསར་མ།)
དེ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། སློབ་དཔོན༌ལགས། ཁྱེད་ནི་གཞུང་རྒྱུད་དྲང་བ༌དང༌། ཁྱེད་ཀྱིས་མིའི་ཁ་ངོར་མི་གཟིགས༌ཤིང༌། མི་ཀུན་ལ་ཕྱོགས་རིས་མེད་པར་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ་ངེད་རྣམས་ཀྱིས་ཤེས༌སོ། །ངེད་ཅག་གིས་སེ་བཟིར་ལ་ཁྲལ་འཇལ་རུང་ངམ་མི༌རུང༌།