Mark 8:31 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
དེ་ནས་ཁོང་གིས་ཉེ་གནས་ཚོར་མིའི་རིགས་ཀྱི་བུ་ནི་ངེས་པར་དུ་སྡུག་བསྔལ་མང་པོ་མྱོང་ཞིང༌། ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒན་པོ་དང་བླ་ཆེན་རྣམས། ཆོས་ཁྲིམས་ལ་མཁས་པའི་མིས་ཁོ་རང་དོར་ནས་གསོད་པར་འགྱུར་ལ། ཡང་ཉིན་གསུམ་གྱི་རྗེས་འཆི་བ་ནས་སླར་གསོན་པར་ལང་ངོ་ཞེས་གསུངས།
Tibetian NTB (བོད་འགྱུར་གསར་མ།)
དེ་ནས་སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མིའི་བུ་ཡིས་ངེས་པར་སྡུག་བསྔལ་མང་དུ་མྱོང༌ཞིང༌། རྒན་པོ་དང་མཆོད་དཔོན་ཆེན་པོ༌དག མཁན་པོ་རྣམས་ཀྱིས་ཁོ་རང་དོར་ནས་གསོད་པ༌དང༌། ཡང་ཉིན་གསུམ་གྱི་རྗེས་སུ་སླར་གསོན་པར་འགྱུར་ཞེས་གསུངས༌སོ།།