Matthew 1:18 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
ཡེ་ཤུ་མཱ་ཤི་ཀ་འཁྲུངས་པའི་ལོ་རྒྱུས་འདི་ལྟར་ཡིན་ཏེ། ཁོང་གི་ཡུམ་མིར་ཡམ་དང་ཡོ་སེབ་གཉེན་སྒྲིག་བྱེད་རྒྱུའི་ཐག་བཅད་ཟིན་ཡང༌། ཁོ་གཉིས་མཉམ་དུ་མ་འདུས་པའི་གོང་དུ་མིར་ཡམ་གྱིས་རང་ཉིད་ལ་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་ཡིས་མངལ་དང་ལྡན་པར་གྱུར་བར་ཤེས།
Tibetian NTB (བོད་འགྱུར་གསར་མ།)
ཡེ་ཤུ་མཱ་ཤི་ཀ་སྐུ་འཁྲུངས་པའི་ལོ་རྒྱུས་ནི་འདི་ལྟ༌སྟེ། ཁོང་ཉིད་ཀྱི་ཡུམ་མིར་ཡམ་ནི་ཡོ་སེབ་དང་གཉེན་རྟགས་བརྒྱབ་ཡོད༌ཅིང༌། ཁོ་གཉིས་ཀྱི་བར་དུ་ཕོ་མོའི་ལུས་མ་འབྲེལ་བའི་སྔོན༌ལ། མིར་ཡམ་ལ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་མངལ་སྦྲུམ་པར་གྱུར༌ཏོ།།