Matthew 17:9 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
ཁོང་རྣམས་རི་བོ་ལས་མར་འབབ་པའི་དུས་སུ། ཡེ་ཤུས་“མིའི་རིགས་ཀྱི་བུ་ནི་འཆི་བ་ནས་གསོན་པོར་མ་ལངས་པའི་བར་དུ་ཁྱེད་ཚོས་གང་མཐོང་བ་དེ་མི་གཞན་སུ་ལའང་མ་ཤོད་ཅིག་”ཅེས་བཀའ་བསྒོས།
Tibetian NTB (བོད་འགྱུར་གསར་མ།)
དེ་ནས་ཁོང་རྣམས་རི་བོ་ལས་མར་ཕེབས་པའི་དུས༌སུ། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། མིའི་བུ་ད་དུང་འཆི་བ་ལས་སླར་གསོན་པའི་བར་དུ་ཁྱོད་རྣམས་ཀྱིས་ཅི་མཐོང་བ་དེ་གཞན་སུ་ལའང་མི་སྨྲ་བར་གྱིས་ཞེས་བཀའ་བསྒོས༌སོ།།