Matthew 2:16 — Compare Translations
2 translations compared side by side
Tibetian CTB (གསུང་རབ།)
དེ་ནས་སྐར་རྩིས་མཁས་ཅན་རྣམས་ཀྱིས་ཁོ་ལ་མགོ་སྐོར་བཏང་བ་ཧེ་རོ་དཱེ་ཡིས་ཤེས་ནས་ཤིན་ཏུ་ཁྲོས། སྐར་རྩིས་པས་ཁོ་ལ་སྨྲས་པའི་ཚེས་གྲངས་ལ་བརྟེན་ནས་དམག་མི་བཏང་ཞིང༌། བེད་ལེ་ཧེམ་དང་མཐའ་སྐོར་གྱི་ས་ཆར་ཡོད་པའི་ལོ་གཉིས་དང་དེ་ལས་ཆུང་བའི་བུ་ཐམས་ཅད་བསད།
Tibetian NTB (བོད་འགྱུར་གསར་མ།)
ཧེ་རོ་དཱས་མཁས་པ་དེ་རྣམས་ཀྱིས་རང་ལ་མགོ་སྐོར་བཏང་བ་ཤེས་པ་དང་ཤིན་ཏུ་ཁྲོས༌ཤིང༌། མཁས་པ་རྣམས་ལ་ཞིབ་ཏུ་དྲིས་པའི་དུས་ནས་བརྩིས་ཤིང་མི་གཞན་མངགས༌ཏེ། པེད་ལེ་ཧེམ་དང་དེའི་མཐའ་འཁོར་དུ་ཡོད་པའི་བུ་ལོ་གཉིས་ཅན་དང་དེ་ལས་ཆུང་བ་ཐམས་ཅད་བསད་པ༌རེད།