Nehemiah 12:27 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
ཡང་ཡེ་རུ་སཱ་ལེམ་གྱི་མཁར་གྱང་གི་ཆེད་དུ་སྟོན་མོར་རོལ་དུས། མང་ཚོགས་ཀྱིས་ལེ་ཝི་པ་རྣམས་ཡེ་རུ་སཱ་ལེམ་དུ་བསྡུ་བར་དེ་དག་གི་ས་གནས་སོ་སོ་ནས་བཙལ་ཏེ། བཀའ་དྲིན་ཞུ་བ་དང་གླུ་ལེན་པ་དང་། སྦུག་ཆལ་རྡུང་བ། རྒྱུད་མངས་དང་པི་ཝང་དཀྲོལ་བ་བཅས་ཀྱིས་དགའ་སྤྲོའི་ངང་སྟོན་མོའི་མཛད་སྒོར་རོལ་ཏོ། །