Nehemiah 13:5 — Compare Translations

1 translations compared side by side

Tibetian NTB (བོད་འགྱུར་གསར་མ།)
ཏོ་བི་ཡཱར་ཁང་པ་ཆེན་པོ་ཞིག་གྲ་སྒྲིག་བྱས་ཡོད་པ་སྟེ། དེ་ནི་སྔོན་ཆད་འབྲུ་རིགས་ཀྱི་མཆོད་པ་དང་། སྤོས་དཀར་དང་། སྣོད་ཆས་བཅས་དང་། ཁྲིམས་སྲོལ་ལྟར་ལེ་ཝི་པ་རྣམས་དང་མགུར་ལེན་མཁན་དང་། སྒོ་སྲུང་བཅས་ལ་འབུལ་བྱའི་འབྲུ་དང་རྒུན་ཆང་། སྣུམ་བཅས་ཀྱི་བཅུ་ཆའི་གཅིག་དང་། མཆོད་དཔོན་ལ་དབང་བའི་འདེགས་མཆོད་བཅས་བསྡུས་ཡོད་པའི་ཁང་པ་ཡིན་ནོ། །