Philippians 1:7 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
ངས་ཁྱེད་ཚོ་ཐམས་ཅད་ཀྱི་སྐོར་ལ་དེ་ལྟར་བསམས་ན་འོས་སོ། གང་ཡིན་ཟེར་ན། ཁྱེད་ཚོ་རྟག་ཏུ་ངའི་སེམས་ལ་གནས་ཏེ། ང་བཙོན་ལ་འཇུག་པ་དང༌། འཕྲིན་བཟང་གསལ་བཤད་བྱེད་པ་དང༌། མི་རྣམས་ཀྱི་དད་པ་བརྟན་པོར་བྱེད་པའི་ཆ་ནས་ཁྱེད་ཚོ་ནི་ང་དང་མཉམ་དུ་དཀོན་མཆོག་གི་ཐུགས་རྗེ་འཐོབ་མཁན་ཡིན།
Tibetian NTB (བོད་འགྱུར་གསར་མ།)
ངས་ཁྱོད་རྣམས་ལ་འདི་ལྟ་བུའི་བསམ་པ་བཅང་འོས་པ་ཡིན༌ཏེ། ཁྱོད་རྣམས་རྟག་ཏུ་ངའི་སེམས་སུ་གནས༌ཤིང༌། ང་རང་བཙོན་དུ་ཡོད་པའམ་འཕྲིན་བཟང་ལ་ཁུངས་བཅོལ༌ཞིང༌བདེན་དཔང་བྱེད་པའི་དུས་ནམ་ཞིག་ལའང་ཁྱོད་རྣམས་ཐམས་ཅད་ནི་བདག་དང་མཉམ་དུ་ཐུགས་རྗེ་ཐོབ་མཁན་ཡིན།