Revelation 16:6 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
དེ་ཚོས་ཁྱེད་ཀྱི་དམ་པ་དང༌། ། ལུང་སྟོན་པ་རྣམས་བསད་པས་ན། ། ས་སྟེང་ཁྲག་ཐོན་ཁྱེད་ཀྱིས་ནི། ། ཁོ་ཚོས་འཐུང་ཕྱིར་ཁྲག་ཀྱང་གནང༌། ། འདི་ལྟར་ཆད་པ་ཕོག་འོས་སོ། ། ཞེས་གསུངས་པ་ངས་ཐོས།
Tibetian NTB (བོད་འགྱུར་གསར་མ།)
དེ་རྣམས་ཀྱིས་ནི་དད་ལྡན་དམ་པ་དང་།། ལུང་སྟོན་པ་ཚོའི་སྐུ་ཁྲག་བཞུར་བྱས་པས།། ད་ལྟ་ཁྱེད་ཀྱིས་སྐྱེ་བོ་དེ་རྣམས་ལ།། ཁྲག་ལན་འཐུང་བར་མཛད་པ་འཐོབ་འོས་སོ།། ཞེས་པའོ།།