Romans 4:17 — Compare Translations

2 translations compared side by side

Tibetian CTB (གསུང་རབ།)
མདོ་ལས་བཀོད་པ་ལྟར་ན། ངས་ཁྱོད་ནི་མི་རིགས་མང་པོའི་མེས་པོར་བསྒྱུར་ཞེས་གསུངས། དཀོན་མཆོག་གི་སྤྱན་སྔར་ཁོང་ནི་ངེད་རྣམས་ཀྱི་མེས་པོ་ཡིན། ཨབ་ར་ཧམ་གྱིས་འཆི་བ་རྣམས་སླར་གསོན་དུ་མཛད་ཅིང་མེད་པ་ལས་གསར་དུ་འགོད་པ་གནང་མཁན་དཀོན་མཆོག་ལ་དད་པ་བྱས་པས་དེ་ལྟར་བྱུང་ངོ༌།
Tibetian NTB (བོད་འགྱུར་གསར་མ།)
དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་གིས་ཁྱོད་ནི་མི་རིགས་མང་པོའི་མེས་པོར་བྱེད་ཅེས་བཀོད་པ་བཞིན། ཁོང་ཉིད་ནི་དཀོན་མཆོག་གི་སྤྱན་སྔ་ནས་བདག་ཅག་གི་མེས་པོར་མཛད༌པ་དང་། ཁོང་གི་དད་ཡུལ་ནི་འཆི་བ་ལ་ཚེ་སྲོག་གནང་བ་དང་། མེད་པ་ནི་ཡོད་པར་མཛད་པའི་དཀོན་མཆོག་ཡིན།