bible
ra
🌐 Language
English
Español
Français
Deutsch
Português
Italiano
Nederlands
Русский
中文
日本語
한국어
العربية
Türkçe
Tiếng Việt
ไทย
Indonesia
All Languages
Home
/
Tibetian
/
Tibetian CTB (གསུང་རབ།)
/
2 Timothy 4
2 Timothy 4
Tibetian CTB (གསུང་རབ།)
← Chapter 3
Jump to:
Chapter 1
Chapter 2
Chapter 3
Chapter 4
1
ངས་དཀོན་མཆོག་དང༌། ཤི་གསོན་གཉིས་ལ་ཁྲིམས་གཅོད་མཛད་མཁན་མཱ་ཤི་ཀ་ཡེ་ཤུའི་མདུན་དུ། ཁོང་སླར་མངོན་སུམ་དུ་འབྱོན་པ་དང༌། ཁོང་གི་རྒྱལ་སྲིད་བརྒྱུད་ནས་ཁྱེད་ལ་ནན་གྱིས་སྐུལ་ཏེ།
2
དཀོན་མཆོག་གི་བཀའ་སྒྲོགས་ཤིག དུས་ལ་བབ་ཀྱང་རུང་མ་བབ་ཀྱང་རུང་བཟོད་སེམས་ཆེན་པོ་དང་སློབ་གསོའི་ངང་ནས་མི་རྣམས་ལ་སྐྱོན་སྟོན་དང༌། ཁ་ཏ། སེམས་གསོ་བཅས་གྱིས་ཤིག
3
གང་ཡིན་ཟེར་ན། མི་རྣམས་ཀྱིས་ཡང་དག་པའི་བསྟན་པ་དང་ལེན་བྱེད་པར་མི་དགའ་བའི་དུས་ལ་འབབ་པར་འགྱུར། རང་གི་ཤེས་འདོད་པ་ལྟར་ཆོས་སྟོན་པ་མང་པོ་འཚོལ་ཞིང༌།
4
བདེན་པའི་བསྟན་པ་ལ་མ་ཉན་པར་སྙིང་པོ་མེད་པའི་སྒྲུང་ལ་ཡིད་ཆེས་པར་འགྱུར།
5
འོན་ཀྱང༌། ཁྱེད་ནི་རང་ཚོད་ཟུངས། སྡུག་བསྔལ་བཟོད། འཕྲིན་བཟང་སྒྲོགས། ཁྱེད་ཀྱི་ལས་འགན་ཐམས་ཅད་སྒྲུབས་ཤིག
6
ང་རང་ནི་གསེར་སྐྱེམས་ལྟར་མཆོད་པའི་ཚུལ་དུ་ཕུལ་ཏེ། ང་འཇིག་རྟེན་འདི་ལས་འདའ་བའི་དུས་ལ་འབབ་སོང༌།
7
ངས་དམག་འཐབ་ལེགས་པོ་བྱས་ཟིན། རྒྱུག་དགོས་པའི་ལམ་བརྒྱུགས་ཟིན། དད་པ་ཡང་བསྲུངས་སོ།
8
ད་ཕྱིན་ཆད་རྣམ་པར་དག་པ་མཚོན་པའི་ཅོད་པན་ངའི་དོན་དུ་བཞག་ཡོད། དེ་ནི་ཉིན་མོ་དེར་དྲང་བདེན་གྱི་ཁྲིམས་གཅོད་མཛད་མཁན་གཙོ་བོས་ང་ལ་གནང་བ་མ་ཟད། ཁོང་འབྱོན་རྒྱུར་གཏིང་ནས་རེ་སྒུག་བྱེད་མཁན་ཐམས་ཅད་ལའང་གནང་བར་འགྱུར་རོ། །
9
མགྱོགས་པོར་ངའི་རྩར་ཡོང་བར་བརྩོན་ཞིག
10
གང་ཡིན་ཞེ་ན། འཇིག་རྟེན་འདིར་ཆགས་མཁན་གྱི་མི་དེ་མཱ་ང་བསྐྱུར་ནས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ལ་སོང༌། ཀ་རེ་སི་ཀེན་ནི་ག་ལད་ཡཱ་ཡུལ་དང༌། ཐེ་ཏུ་ནི་དལ་མེ་ཡཱ་ཡུལ་ལ་སོང༌།
11
ལུ་ཀཱ་གཅིག་པུ་ང་དང་མཉམ་དུ་ཡོད། མར་ཀུས་ངའི་ཞབས་ཏོག་ཏུ་ཕན་པས་ཁྱེད་དང་མཉམ་དུ་ཁྲིད་ཤོག
12
ཏི་ཀི་ཀུ་ངས་ཨེ་ཕེ་སུ་གྲོང་ཁྱེར་ལ་བཏང༌།
13
ཏྲོ་ཡཱ་གྲོང་ཁྱེར་དུ་ངས་ཀར་པུའི་རྩར་བཞག་པའི་ཕྱི་གོས་དང༌། དཔེ་ཆ། ཁྱད་པར་དུ་ཀོ་ཤོག་རྣམས་ཁྱེད་ཡོང་བའི་སྐབས་སུ་འཁུར་ཤོག
14
ཟངས་བཟོ་བ་ཨ་ལིག་ཟན་ཌེར་ཡིས་ང་ལ་གནོད་པ་ཆེན་པོ་བྱས་བྱུང༌། ཁོའི་བྱ་བ་བཞིན་དུ་གཙོ་བོས་ལན་སློག་པར་འགྱུར།
15
ཁོས་ང་ཚོའི་བསྟན་པར་འབད་པས་རྒོལ་བས། ཁྱེད་ཀྱིས་ཀྱང་ཁོ་ལ་དོགས་ཟོན་གྱིས་ཤིག
16
ང་ཁྲིམས་དཔོན་གྱི་དྲུང་དུ་ཁྲིད་པའི་ཐེངས་དང་པོར་སུས་ཀྱང་ངའི་ཕྱོགས་མ་བྱས་པར་ཐམས་ཅད་ཀྱིས་ང་སྤངས་པས། དེའི་ལན་ཁོང་ཚོར་མི་འཕོག་པར་སྨོན།
17
འོན་ཏེ་ངའི་ཕྱོགས་སུ་ཞུགས་པའི་གཙོ་བོས་ང་ལ་སེམས་ཤུགས་གནང་བྱུང༌། དེ་ནི་ང་བརྒྱུད་ནས་འཕྲིན་བཟང་ཆ་ཚང་བསྒྲགས་ཏེ་ཡ་ཧུ་དཱ་པ་མིན་པ་ཐམས་ཅད་ཀྱིས་ཐོས་པའི་ཕྱིར་རོ། ཡང་ང་སེང་གེའི་ཁ་ནས་སྒྲོལ་བ་ལྟར་བསྐྱབས་པར་མཛད།
18
བྱ་བ་ངན་པ་ཐམས་ཅད་ལས་གཙོ་བོས་ང་སྐྱོབ་པར་མཛད་ངེས་ལ། ཁོང་གིས་ནམ་མཁའི་རྒྱལ་སྲིད་དུ་ང་བདེ་བར་འཁྲིད་དོ། ཁོང་ལ་དུས་གཏན་དུ་བསྟོད་པ་འབུལ་བར་ཤོག ཨ་མེན།
19
པི་རི་སི་ཀཱ་དང་ཨ་ཀུ་ལཱ་གཉིས་དང༌། ཨོ་ནེ་སི་ཕུ་རུ་ཡི་ཁྱིམ་གྱི་མི་རྣམས་ལ་འཚམས་འདྲི་ཞུས།
20
ཨེ་ར་སི་ཏུ་ནི་ཀོ་རིན་ཐུ་གྲོང་ཁྱེར་དུ་བསྡད། ཏྲོ་ཕེ་མུ་ནད་ཀྱིས་བཏབ་པས་མི་ལེ་ཏུ་གྲོང་ཁྱེར་ལ་བཞག་པ་ཡིན།
21
དགུན་དུས་མ་ཟིན་གོང་འདིར་ཡོང་བའི་འབད་རྩོལ་གྱིས་ཤིག ཡུ་པུ་ལུ་དང༌། པུ་དེན། ལི་ནུ། ཀ་ལོ་དི་ཡཱ་ལ་སོགས་པའི་སྤུན་ཟླ་ཐམས་ཅད་ཀྱིས་ཁྱེད་ལ་འཚམས་འདྲི་ཞུ།
22
གཙོ་བོ་ཁྱེད་ཀྱི་སེམས་ནང་བཞུགས་པར་ཤོག ཐུགས་རྗེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག །
← Chapter 3
Jump to:
Chapter 1
Chapter 2
Chapter 3
Chapter 4
All chapters:
1
2
3
4