bible
ra
🌐 Language
English
Español
Français
Deutsch
Português
Italiano
Nederlands
Русский
中文
日本語
한국어
العربية
Türkçe
Tiếng Việt
ไทย
Indonesia
All Languages
Home
/
Tibetian
/
Tibetian CTB (གསུང་རབ།)
/
Hebrews 3
Hebrews 3
Tibetian CTB (གསུང་རབ།)
← Chapter 2
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 4 →
1
དེའི་ཕྱིར་དཀོན་མཆོག་གི་ཞིང་ཁམས་སུ་བོས་པར་མཛད་པའི་དམ་པའི་སྤུན་ཟླ་རྣམས། ངེད་རྣམས་ཀྱིས་ཁས་ལེན་བྱེད་པའི་སྐུ་ཚབ་དང་བླ་ཆེན་གཙོ་བོ་ཡེ་ཤུ་དེ་ལ་བསམ་བློ་ཞིབ་ཕྲ་གཏོང༌།
2
དཀོན་མཆོག་གི་ཕོ་བྲང་ནང་ལ་ལུང་སྟོན་པ་མོ་ཤེ་བློ་གཏད་ཆོག་པ་ཡིན་པ་ལྟར། ཡེ་ཤུས་ཀྱང་ཁོང་བསྐོས་པར་མཛད་མཁན་གྱི་ཐུགས་དགོངས་ཐམས་ཅད་བསྒྲུབས།
3
འོན་ཀྱང་ཁང་པ་ལས་དེ་རྩིག་མཁན་ལ་ལྷག་པར་བཀུར་སྟི་བྱེད་འོས་པ་ལྟར། མོ་ཤེ་ལས་ཡེ་ཤུ་ནི་ལྷག་པར་དཔལ་དང་ལྡན་པར་བརྩིས་སོ།
4
གང་ཡིན་ཟེར་ན། ཁང་པ་རེ་རེ་ལ་རྩིག་མཁན་རེ་རེ་ཡོད་ཀྱང༌། ཡོད་ཚད་སྐྲུན་པར་མཛད་མཁན་ནི་དཀོན་མཆོག་ཡིན་ནོ།
5
མོ་ཤེ་ནི་དཀོན་མཆོག་གི་ཕོ་བྲང་ནང་བློ་གཏད་ཆོག་པའི་ཞབས་ཕྱི་ལྟ་བུ་ཞིག་ཡིན། དཀོན་མཆོག་གིས་མ་འོངས་པར་གསུང་བའི་བཀའ་ཡི་སྐོར་མོ་ཤེས་དཔང་པོ་བྱས།
6
འོན་ཀྱང་མཱ་ཤི་ཀ་ནི་དཀོན་མཆོག་གི་ཕོ་བྲང་ནང་བློ་གཏད་ཆོག་པའི་སྲས་ཞིག་ཡིན། གལ་ཏེ་ང་ཚོས་མཱ་ཤི་ཀ་ལ་བློ་གདེང་དང་དགའ་བའི་ངང་ནས་རེ་བ་བརྟན་པོར་གནས་ན་ང་ཚོ་ནི་ཕོ་བྲང་གི་ནང་འཁོར་ཡིན།
7
དེའི་ཕྱིར་དམ་པའི་ཐུགས་ཉིད་ཀྱིས་གསུངས་པ་ལྟར། ཁྱེད་ཚོས་དེ་རིང་ཁོང་གི་བཀའ་ཐོས་ན། །
8
འབྲོག་སྟོང་གནས་སུ་ཉམས་ཚོད་བྱས་པའི་སྐབས། ། ངོ་ལོག་དུས་ཀྱི་སེམས་གྱོང་ལྟར་མ་བྱེད། །
9
གནས་དེར་ཁྱེད་ཚོའི་མེས་པོས་ལོ་བཞི་བཅུར། ། ང་ཡི་མཛད་པ་མཐོང་ཡང་ཉམས་ཚོད་བླངས། །
10
དེའི་ཕྱིར་དེ་ཚོར་ཁྲོས་ནས་འདི་ལྟར་སྨྲས། ། དེ་ཚོའི་སེམས་ནི་རྟག་ཏུ་གྱ་གྱུ་ཅན། ། ང་ཡི་ལམ་ནི་དེ་ཚོས་ཅི་མ་ཤེས། །
11
དེས་ན་དེ་དག་ནམ་ཡང་ངའི་བདེ་བར། ། མི་འཇུག་ཅེས་པའི་ཁྲོ་བའི་མནའ་ཚིག་བོར། ། ཞེས་གསུངས་སོ། །
12
སྤུན་ཟླ་རྣམས། ཁྱེད་ཚོའི་ནང་ནས་སུ་ཞིག་ལའང་དད་མེད་ཀྱི་སེམས་ངན་པ་དང་ལྡན་ཏེ་གཏན་དུ་གནས་པའི་དཀོན་མཆོག་སྤོང་བ་ལ་དོགས་ཟོན་གྱིས་ཤིག
13
ཁྱེད་ཚོའི་ནང་ནས་སུ་ཡང་སྡིག་པས་བསླུས་ནས་སེམས་མཁྲེགས་པོ་མི་འགྱུར་བའི་ཕྱིར། དེ་རིང་ཞེས་ཟེར་བའི་རིང་འདིར་ཉིན་ལྟར་གཅིག་གིས་གཅིག་ལ་བློ་སྟོབས་སྤེལ་ཞིག
14
གང་ཡིན་ཞེ་ན། གལ་ཏེ་ང་ཚོའི་ཐོག་མའི་བློ་གདེང་མཐའ་མའི་བར་དུ་བརྟན་པོར་དང་དུ་བླངས་ན། ང་ཚོ་མཱ་ཤི་ཀ་དང་སྐལ་བ་མཉམ་པར་ལོངས་སུ་སྤྱོད་པར་གྱུར།
15
མདོའི་ནང་ལ། ཁྱེད་ཚོས་དེ་རིང་ཁོང་གི་བཀའ་ཐོས་ན། ། ངོ་ལོག་དུས་ཀྱི་སེམས་གྱོང་ལྟར་མ་བྱེད། ། ཅེས་འཁོད།
16
འོ་ན། ཐོས་ནས་ངོ་ལོག་བྱེད་མཁན་རྣམས་སུ་ཡིན། ལུང་སྟོན་པ་མོ་ཤེ་ཡིས་འགོ་འཁྲིད་དེ་ཨེ་ཇེབ་ཡུལ་ནས་ཐོན་པ་ཐམས་ཅད་མ་ཡིན་ནམ།
17
དཀོན་མཆོག་ལོ་བཞི་བཅུའི་བར་དུ་སུ་ལ་ཐུགས་མ་དགྱེས། སྡིག་ཉེས་བྱས་པས་འབྲོག་སྟོང་དུ་ཤི་བ་རྣམས་མ་ཡིན་ནམ།
18
ཡང་ཁོང་གིས་དབུ་མནའ་བཞེས་ཏེ་ངའི་བདེ་བའི་ནང་ལ་འཛུལ་རུ་མི་འཇུག་ཅེས་སུ་ལ་གསུངས། ཁོང་གི་བཀའ་ལ་མ་ཉན་པ་རྣམས་མ་ཡིན་ནམ།
19
དེའི་ཕྱིར་ཁོ་ཚོས་དད་པ་མ་བྱས་པའི་རྐྱེན་གྱིས་དེར་འཛུལ་མ་ཐུབ་པ་དེ་ང་ཚོས་ཤེས་སོ། །
← Chapter 2
Jump to:
Chapter 1
Chapter 2
Chapter 3
Chapter 4
Chapter 5
Chapter 6
Chapter 7
Chapter 8
Chapter 9
Chapter 10
Chapter 11
Chapter 12
Chapter 13
Chapter 4 →
All chapters:
1
2
3
4
5
6
7
8
9
10
11
12
13